བོད་ཕྲུག་ཁྱིམ་སྡེའི་དམིགས་ཡུལ་ནི་མ་འོངས་བོད་ཀྱི་འགོ་ཁྲིད་རྣམས་ལ་ སྤུས་ཚད་མཐོ་བའི་ཤེས་ཡོན་སློབ་གསོ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། འོན་ཀྱང་། ཕོགས་ཐོབ་དམའ་བའི་རྐྱེན་གྱིས་ ཉམས་མྱོང་ཡོད་པའི་ དགེ་ལས་རྣམས་ གསར་བསྡུ་དང་ རྒྱུན་གནས་ ཐུབ་རྒྱུར་ དཀའ་ངལ་ ཕྲད་བཞིན་ཡོད། དེར་བརྟེན། “དགེ་ལས་བཀའ་དྲིན་རྗེས་སྲུང་ཐེབས་རྩ་” (Staff Appreciation Fund) འདི་ནི་ ཁོང་ཚོའི་ དཔལ་འབྱོར་ དཀའ་ངལ་ སེལ་བ་དང་། མི་ལོ་ བཅུ་ཕྲག་ མང་པོར་ ཕྲུ་གུ་ སྟོང་ཕྲག་ མང་པོར་ བྱམས་སྐྱོང་ གནང་མཁན་ དགེ་ལས་ རྣམས་ཀྱི་ མཛད་རྗེས་ལ་ ཐུགས་རྗེ་ཆེ་ ཞུ་བྱེད་ ཀྱི་ ཐེབས་རྩ་ ཞིག་ ཡིན།